top of page
DSCF1584 (1) (1).jpg

Meet Carolyn 

Public Servant Working for Everyday People
Carolyn Tran, candidate for New York City Council District 25
unnamed (1).png
A History of Advocacy

As a community leader; I have...

 

  • Championed constituents by connecting community members with social services, navigating City agencies, and developing deep relationships with people and community organizations in the district, often serving as the 311 or one-stop shop to access. 

  • Helped distribute thousands of PPE to essential workers, community organizations and businesses during the COVID-19 pandemic.

  • Oversaw capital and discretionary allocations to local organizations and institutions that contribute to the economic, social and cultural wellbeing of our community;

  • Championed language accessibility by bringing on staff and interns who spoke Spanish, Chinese, Bengali, Tibetan, Nepali and Burmese; 

  • Drew support to counter violence against Trans & Gender non-conforming people through facilitating media visibility and coverage. 

  • Supported immigration justice, including the outreach and enrollment of IDNYC; 

  • Supported homeless families by attending advisory board meetings of the Boulevard Family Shelter and facilitating the donation of essential goods;

  • Supported the expansion of public space in the district at Travers Park, Diversity Plaza and 34th Avenue Open Streets;

  • Provided crisis intervention on behalf of 80th Street constituents when National Grid left gas pipelines exposed and unsafe site conditions (2015);

  • Volunteered at the Love Wins Food Pantry, an inclusive LGBTQ+ led food pantry serving over 500 people a week;.  

  • Serve on the Board of Mekong NYC that organizes Southeast Asian communities; 

ཁཱ་རོ་ལིན་ལ་ཐུག

མི་མང་གི་དོན་དུ་ལས་ཀ་བྱེད་མཁན་སྤྱི་ཞབས་པ།  

ང་ནི་ཁ་ལོ་ལིན་ ཋི་རན་ཡིན།  

Mẹ [་MAY-yuh] ཀློག་དགོས། (ཝིར་ནམ་སྐད་ཀྱི་ཨ་མ་ཞེས་པའི་དོན་ཡིན།) བུད་མེད་ཀྱི་དབང་ཆ་རིང་ལུགས་པ། དྲྭ་ཐོག་ལས་བྱེད་པ།  མི་མང་ཞབས་ཞུ་བ།

 

འདས་པའི་ལོ་བཅུའི་ནང་ངས་རྫོང་ ༢༥ པའི་འཛིན་སྐྱོང་ལྷན་ཁང་དུ་ཞབས་ཞུ་སྒོ་ཀུན་ནས་བསྒྲུབས་ཡོད། ངའི་བརྩེ་སེམས་དང་ཁས་ལེན་ལྟར། ང་ཚོའི་སྡེ་ཁུལ་གྱི་ཆེས་ཉམས་ཐག་རྣམས་ལ་ཞབས་ཞུ་དང་འཚོ་བ་མཐོར་འདེགས་གཏོང་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་ངའི་མཛུབ་སྟོན་གྱི་རྩ་དོན་ཡིན། ངའི་ལས་དོན་ནི་ད་བར་དུ་མངོན་པར་མི་གསལ་བའི་རྒྱབ་ཕྱོགས་ནས་ཞབས་ཞུ་དང་ངལ་རྩོལ་བྱས་ནས་མི་གཞན་གྱིས་དབུ་ཁྲིད་པའི་ལས་དོན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ངས་ཐོག་མ་ཉིད་ནས་རང་ཉིད་གཞུང་གི་ལས་བྱའི་འོས་མིར་བརྩི་མྱོང་མེད། གང་ལགས་ཤེ་ན། རྒྱུན་སྲོལ་གྱི་ཆ་ནས་ས་མིག་དེ་དག་ནི་གཞི་རིམ་ལས་བྱེད་དང་ཨ་མ་རྐྱང་པ་ཞིག་ལ་མི་མང་གི་གཞུང་ལས་ཁང་དུ་སླེབས་པའི་རྒྱབ་སྐྱོར་གྱི་ཚུལ་དུ་བཀོད་སྒྲིག་བྱས་པ་ཞིག་མ་རེད། གུས་པ་ད་རེས་འདིར་ལམ་སྲོལ་དེ་སྒྱུར་བཅོས་གཏོང་བར་སླེབས་ཡོད།

 

མ་སྨད་རྐྱང་པ་ང་ལ་བུ་མོ་ Makana དང་Makai གཉིས་ཡོད། ང་རང་ཨ་མ་གཅིག་ཡིན་པའི་ངོས་ནས་ང་ལ་ང་ཚོའི་མ་འོངས་པ་དེ་ང་ཚོའི་ད་ལྟའི་འཚོ་བ་ལས་འོད་སྟོང་ལྡན་པ་དང་འགོག་རྐྱེན་མི་ཡོང་བའི་འགན་འཁྲི་ཡོད།ལས་འགུལ་འདི་ང་དང་མི་སུ་འདྲ་ཞིག་ལས་ཀྱང་རླབས་ཆེ་བ་ཡོད། ལས་འགུལ་དེ་ནི་སྡེ་ཁུལ་རྩ་འཛུགས་པ་དང་། ཨ་མ་དང་བུད་མེད། མཚན་མཐུན་ཆགས་སྤྱོད་བུད་མེད་དང་མཚན་མཐུན་ཆགས་སྤྱོད་སྐྱེས་པ། ཕོ་མོ་གཉིས་སྤྱོད་པ། མཚན་མ་བརྗེ་སྒྱུར་བྱས་བ། ལས་འགུལ་བ་དང་། ཕྱི་མི་སོགས་ཀྱི་གནས་བབ་འབད་འཐབ་བྱེད་པ་ཞིག་ཡིན། ལས་འགུལ་འདིས་བུད་མེད་ཀྱི་ཤ་མདོག་དང་མཚན་མཐུན་ཆགས་སྤྱོད་བུད་མེད་དང་མཚན་མཐུན་ཆགས་སྤྱོད་སྐྱེས་པ། ཕོ་མོ་གཉིས་སྤྱོད་པ། མཚན་མ་བརྗེ་སྒྱུར་བྱས་བ།  ཕྱི་མི་གནས་སྤོ་བ་རྣམས་དང་གཞོན་སྐྱེས་ཀྱི་འགོ་ཁྲིད་གོ་གནས་མཐོ་རུ་གཏོང་བར་ཤུགས་རྒྱག་བཞིན་པ་ཡིན།

 

ང་ནི་ཁྱེད་ཀྱི་ཁྱད་དུ་འཕགས་པའི་འོས་མི་ཞིག་མིན།   

 

ང་རང་འོས་གཞིའི་ནང་ཞུགས་པའི་རྒྱུ་མཚན་ནི་ང་ཚོའི་སྡེ་ཁུལ་གྱི་གྲོས་མོལ་བྱེད་པའི་སྒྲོག་ཙེའི་ཐོག་གོ་གནས་ཤིག་བཟུང་དགོས་པ་དང་། ཕྱི་གསལ་ནང་གསལ་དང་ཁོང་ཡངས་ཀྱི་ཐབས་ཇུས་འགོད་པའི་འཕེལ་རིམ་གྱི་ཆ་ཤས་ཤིག་ཏུ་འགྱུར་བ་བྱེད་དགོས་པས་རེད། ངའི་འདོད་ཚུལ་ལྟར་ན། སྲིད་གཞུང་ཕྱོགས་ཀྱི་ཆེད་ལས་ཤེས་བྱ་དང་དེ་བཞིན་ང་ཚོའི་སྡེ་ཁུལ་ལ་ཤུགས་རྐྱེན་ཐེབས་པའི་གནད་དོན་སྣ་ཚོགས་ཤེས་རྟོགས་བྱས་པ་ལས་མཁོ་བའི་ཐོན་ཁུངས་ཁྱེར་ཡོང་སྟེ་ང་ཚོའི་ཁྱིམ་མཚེས་རྣམས་ལ་ཆེ་མཐོང་ལྡན་པའི་སྒོ་ནས་འཚོ་བ་སྐྱེལ་ཐུབ་པར་བྱ་དགོས། དུས་ཡུན་རིང་པོའི་ནང་ང་ཚོར་མི་རིགས་དབྱེ་འབྱེད་ཀྱི་དཀའ་ངལ་དང་ཉེན་རྟོག་པའི་གཏུམ་སྤྱོད་དང་བརྒྱུད་རིམ་ལྡན་པའི་ངང་གཉའ་གནོན་བྱེད་པ་བཅས་ལ་སྣང་མེད་དུ་ཤོར་ཡོད། ད་ལྟ་ནི་བསྒྱུར་བཅོས་དངོས་སུ་བྱེད་པའི་དུས་སུ་སླེབས་ཡོད།

 

ཕྱི་ལོ་ ༢༠༡༠ ལོ་ནས་ཕྲན་གྱིས་གྲོས་ཚོགས་ཀྱི་ཚོགས་མི་ཌོ་མམ་ཡི་གཞུང་ལས་ཁང་ནས་མགོ་བརྩམས་ཏེ་སྤྱི་པའི་ཞབས་ཞུ་བསྒྲུབས་པ་ཡིན། ངས་སྡེ་ཁུལ་འདི་དམ་དོན་གང་ལེགས་བྱས་པ་དེས་ད་ཆ་ལོ་ངོ་ལྔ་ཡི་ནང་དུ་ལས་བྱེད་གཙོ་འཛིན་གྱི་ལས་གནས་སུ་སྣེ་ཁྲིད་བྱས་བྱུང་། ངས་གནད་དོན་རབ་དང་རིམ་པའི་ཁྲིམས་དོན་བརྒྱ་ཕྲག་ཁ་ཤས་འདོན་སྤྲོད་བྱས་ནས་ཐོག་མའི་བརྟག་དཔྱད་བྱས་ཏེ་གནད་དོན་རྒྱུས་ལོན་བྱས་པ་དང་། ཐག་གཅོད་ཇུས་གཞི་འཚོལ་བ་དང་། ལས་དོན་མཇུག་སྣོན་བཅས་ལ་ནུས་ཤུགས་བཏོན་ཡོད། ངས་སྔོན་རྩིས་ཚོད་དཔག་གི་འགན་ཁུར་ནས་ང་ཚོའི་ས་ཁུལ་ལ་ཐོན་ཁུངས་དང་ཞབས་ཞུ་མཁོ་འདོན་བྱེད་པ་དང་། གླེང་སྟེགས་སྒྲིག་འཛུགས་བྱས་ནས་ང་ཚོའི་སྡེ་གྲོང་ལ་དོ་ཁུར་ཐག་གཅོད་བྱེད་པ་མ་ཟད། རིག་གཞུང་དང་འབྲེལ་བའི་བྱེད་སྒོ་སྲུང་སྤེལ་ལ་མཐུན་སྦྱོར་བྱས་ཏེ་སྣ་མང་གི་རང་བཞིན་ལྡན་པ་བྱ་རྒྱུའི་འགན་འཁུར་བྱས།  དེའི་ནང་ནས་མང་པོ་ཞིག་ནི་འདི་ལྟར་བྱས་པ་ཐེངས་དང་པོ་རེད།

 

ང་ནི་མངའ་སྡེ་ཧ་ཝ་ཡེའི་གྲོང་ཁྱེར་ཧོ་ནོ་ལུ་ལུ་རུ་སྐྱེས་པའི་ཝེར་ནམ་དམག་འཁྲུག་སྐབས་བྲོས་བྱོལ་གྱིས་སྐྱབས་བཅོལ་དུ་སླེབས་པའི་ཝེར་ནམ་པ་ཞིག་གི་བུ་མོ་ཡིན། དེང་རབས་ལོ་རྒྱུས་ཐོག་གཞི་ཁྱོན་ཆེས་ཆེ་བའི་ཡུལ་གྱར་མི་འབོར་ཁྲོད་ངའི་ཨ་མ་གྲུ་ལ་བསྡད་ནས་བྲོས་བྱོལ་ལ་ཡོང་བ་རེད། “གྲུ་བྱོལ་བ་”སྟོང་ཕྲག་མང་པོའི་གྲས་ཤིག་ཡིན་པའི་ངོས་ནས་བརྗོད་ན། ཕ་མའི་ཉམས་མྱོང་ལས་ངར་དམག་འཁྲུག་གིས་ལུས་སེམས་དང་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཚུལ་དང་དེ་བཞིན་བཙན་གནོན་རིང་ལུགས་ལ་ངོ་རྒོལ་བྱེད་པའི་འདུ་ཤེས་ཟབ་པོ་ཞིག་བཏོད་ཡོད། ཁོ་ཚོ་ལུས་པོ་བདེ་འཇགས་བྱུང་ཡོད་ཀྱང་འཚོ་ལས་གཏན་འཇགས་ཀྱི་དཀའ་ངལ་ལས་མཐར་མངའ་སྡེ་ཀལ་ཧྥོ་ནིཡའི་སཱས་ཧོ་སེ་རུ་གནས་སྤོ་བྱེད་དགོས་བྱུང་བ་རེད།

 

ཤར་གླིང་ཨེ་ཤེ་ཡའི་སློབ་སྦྱོང་གི་བསྟི་གནས་གཙོ་བོ་ནི་སཱས་ཧྥརན་སི་ཀོ་གྱི་མཐོ་སློབ་དེ་ཉིད་ཡིན་པར་ལྟར། ང་དེ་གར་སློབ་ཞུགས་བྱས་རྗེས་གཟིག་ནག་འཆར་གཞི་ཁག་བཅུ་ཡིས་ངའི་བློ་སྒོ་ཕྱེ་བྱུང་། སྤྱི་ཚོགས་ཀྱི་བྱེད་སྒོ་འདྲ་མིན་ལས་མི་རིགས་ནག་པོ་དང་ཨེ་ཤེ་ཡའི་ཨ་རི་བ་ཆིག་སྒྲིལ་གྱིས་མི་རིགས་དབྱེ་འབྱེད་ལ་ངོ་རྒོལ་དང་མི་རིགས་ནག་པོའི་རང་དབང་བཅས་ལ་གཏམ་བརྗོད་བྱས། འདས་མ་ད་གསུམ་ལ་གཞིགས་ན་སྲིད་དོན་ལ་མཉམ་ཞུགས་བྱས་པ་དེར་ནུས་ཤུགས་ངེས་ཅན་ཡོད་པ་ཤེས་བྱུང་།  དཔེར་ན། མི་མང་གིས་སྤྱི་ཚོགས་དོ་ཁུར་བྱས་ན་ང་ཚོ་ཡང་སྤྱི་ཚོགས་ཀྱི་ཆ་ཤས་ཡིན་པས་སྤྱི་ཚོགས་དྲང་བདེན་གྱི་ལས་འགུལ་སྣེ་ཁྲིད་བྱེད་ཀྱི་ཡོད། ཐུན་མོང་གི་འབད་བརྩོན་ལ་བརྟེན་ནས་གྲོང་སྡེའི་འཚོ་བ་ཇེ་ལེགས་སུ་སྐྲུན་དགོས། ད་དུང་འདི་ནང་ཉིན་བཞིན་སྐྱེ་བོ་ཡོངས་ཏེ་བུད་མེད་དང་མི་རིགས་ནག་པོ། གནའ་བོའི་མི་རིགས། ཡུལ་མི་ངོ་མ། ཨེ་ཤེ་ཡའི་ཨ་རི་བ། མཚན་མཐུན་ཆགས་སྤྱོད་བུད་མེད་དང་མཚན་མཐུན་ཆགས་སྤྱོད་སྐྱེས་པ། ཕོ་མོ་གཉིས་སྤྱོད་པ། མཚན་མ་བརྗེ་སྒྱུར་བྱས་བའི་མི་སོགས་སྤྱི་ཚོགས་ཀྱི་བདེན་དོན་སྒྱུར་བཅོས་བྱ་ཐབས་ཤིག་ཀྱང་ཡིན། ངས་གནད་དོན་དེ་དག་ལ་དམ་བཅའ་བརྟན་པོས་ལས་འགན་ཁུར་ཁྱེར་གྱིས་ཞབས་ཞུ་སྒྲུབ་རྒྱུ་ཡིན།

 

ཕྱི་ལོ་ ༢༠༠༩ ལོ་ངས་རམས་འབྱམས་པའི་སློབ་སྦྱོང་གིས་ཁུནསི་ལ་གནས་སྤོ་བྱས་པ་དང་ཕྱི་ལོ་ ༢༠༡༣ ནས་ཇག་སི་ཧྱ་འདི་ཉིད་ང་རང་ཉིད་ཀྱི་རང་ཁྱིམ་དུ་གྱུར་སོང་།

 

སྤྱི་ཚོགས་ཀྱི་འགོ་ཁྲིད་ཞིག་ཡིན་པའི་ཆ་ནས། ང་ལ་་་

DSCF9220.jpg
DSCF9648.jpg

This campaign is greater than me; this campaign is a coalition of community organizers, mothers, women, LGBTQIA+ activists and allies. This campaign is about welcoming everyone who has been left out of the democratic process, to have representation on the issues that matter. This campaign is a call to #ShareTheMic, because that’s the only way to make change.

 

I am not your typical candidate. 

 

I am Carolyn Tran and together, we will create the change that we want in this City. Grab a chair and have a seat at our table.

bottom of page